كلمات 末日悲歌
末日悲歌
དུས་མཐའི་གདུང་གླུ།
作词:铁让
ཚིག་རྩོམ་མཁན། ཐེའུ་རང་།
作曲:理塘 丹真
དབྱངས་རྩོམ་མཁན། ལི་ཐང་བསྟན་འཛིན།
演唱:卡哇沃巴
ལེན་མཁན། ཁ་བ་བོད་པ།
银白色的骨头播散在家园
རུས་པའི་ས་བོན་དཀར་པོ་གཞིས་སུ་བཏབ།
背负着轮回的黝石
འཁོར་བའི་ཕ་བོང་ནག་པོ་རྒྱབ་ལ་ཁུར།
啊...兄弟,为了那个梦
ཨ་སྤུན་ཟླ། རྨི་ལམ་གྱི་ཆེད་དུ།
远行的脚步是否感到疲惫
རྒྱང་བཞུད་ཀྱི་རྡོག་པ་ཨ་ཐང་ཆད་བྱུང་ངམ།
众生的蚕丝飘扬在生命的风中
སྲོག་གི་དར་སྐུད་ཕྲ་མོ་ཚེ་ཡི་རླུང་ཁར་བསྐྱོད་དུས།
还能否用手点燃那爱的油灯
བརྩེ་གདུང་མར་མེའི་འོད་ལ་ལག་པ་སྲོ་ཐབས་ཨེ་འདུག
痛就哭吧!不要忧虑
སྐྱོ་ན་ངུས་ཤིག་སྣང་དོགས་མི་དགོས།
男子汉的眼泪里
སྐྱེས་པ་ཕོ་ཡི་མིག་ཆུའི་ནང་ན།
有高耸的山岭
མཐོན་པོ་རི་ཡི་ལ་ཐུར་དང་།
也有宽阔的江河
གཙང་པོ་ཆུ་ཡི་ཁ་རྒྱམ་ཡོད།
噢, 男子汉的眼泪里
ཨོ། སྐྱེས་པ་ཕོ་ཡི་མིག་ཆུའི་ནང་ན།
能看清因果的画面
ལས་རྒྱུ་འབྲས་གསལ་བའི་རི་མོ་ཡོད།
她的名字叫故乡
དེའི་མིང་ལ་ཕ་ས་ཕ་ཡུལ་ཟེར།
行至人间愈发清醒
མི་ཡུལ་ལུང་པ་འགྲིམས་ན་ཇེ་གསལ་ཡིན།
留下了情深的绿松宝石
སྙིང་སྡུག་གཡུ་ཆུང་དྲུག་དཀར་ཤུལ་དུ་ལུས།
身穿着眷恋的暖羊羔
ཞེན་ཆགས་ཨ་འཇམ་ཚ་རུ་ལུས་ལ་གྱོན།
啊...兄弟,为一次相聚
ཨ་སྤུན་ཟླ། མཇལ་འཛོམས་ཀྱི་ཆེད་དུ།
孤独的心儿是否伤心欲绝
ཁེར་རྐྱང་གི་སེམས་པ་ཁོ་ཐག་ཆད་བྱུང་ངམ།
苦乐的指南被命运的尘土掩盖
སྐྱིད་སྡུག་ཐོད་པའི་ཁ་ཡིག་ལས་རླུང་རྡུལ་གྱིས་གཡོགས་དུས།
爱憎针尖能否让你再度信赖
ཆགས་སྡང་ཁབ་ཀྱི་རྩེ་མོར་བློ་ཕུག་གཏོད་ས་ཨེ་ཉན།
痛就哭吧!不要忧虑
སྐྱོ་ན་ངུས་ཤིག་སྣང་དོགས་མི་དགོས།
男子汉悲伤的心
སྐྱེས་པ་ཕོ་ཡི་གདུང་སེམས་ནང་ན།
有寒冷的冬天
དགུན་གསུམ་ཙག་གི་གྲང་ངར་དང་།
也有酷热的夏季
དབྱར་གསུམ་ཉི་མའི་ཚ་དྲོད་ཡོད།
噢, 男子汉的悲伤中
ཨོ། སྐྱེས་པ་ཕོ་ཡི་གདུང་སེམས་ནང་ན།
能承受千年的悲乐
ཚེ་བསྐལ་བ་ཐུབ་པའི་དགའ་སྐྱོ་ཡོད།
她的名字叫父母兄弟
དེའི་མིང་ལ་ཕ་མ་སྤུན་མཆེད་ཟེར།
跨越人生愈发思念
མི་ཚེའི་ལ་མོ་བརྒྱབ་ན་ཇེ་དྲན་ཡིན།